༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་སྐྱོད་པ་རྒན་རབས་ཀྱི་མི་ཚེའི་གཏམ་རྒྱུད། ༡

来源:2017-04-12 15:44:44 查看数0

ཁོང་གི་མཚན་ལ་ཝང་ཆིང་ཞུ་བ་དང་། མཛེས་མའི་སྒེག་ཉམས་ལྡན་ཞིང་། མིག་འབྲས་དྭངས་ལ་དབུ་སྐྲ་རིང་བ།  སྐུ་གཟུགས་རིང་བ་བཅས་གང་དུ་བྱོན་ཀྱང་མིག་གི་ལོངས་སྤྱོད་ཡིན།

སྤྱི་ལོ་༡༩༥༡ལོར།  ཝང་ཆིང་ནི་རྒྱབ་ཁབ་ཀྱིས་འབོད་སྐུལ་དང་། ཀྲུང་དབྱང་འཕྲོད་བསྟེན་པུས་སྒྲིག་འཛུགས་ལྟར་དུས་ཁག་དང་པོའི་བོད་ལ་སྨན་དོན་ལས་ཀ་སྒྲུབ་པར་ཡོང་བའི་གྲས་ཡིན་པ་རེད།  ཁོང་དང་ལྷན་དུ་ཡོད་པའི་མི་རྣམས་ཀྱིས་བཤད་པར་ལྟར་ན། ཁོང་ནི་སྐྱེས་གཟུགས་མཛེས་ཤིང་ལག་རྩལ་མཐོ་བའི་ལས་དོན་མི་སྣ་ཞིག་རེད།

ལྷ་སར་འབྱོར་རྗེས།  ཝང་ཆིང་དང་འཐབ་གྲོགས་རྣམས་ཀྱིས་འཆར་འགོད་འོག བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཐོག་མའི་སྨན་ཁང་སྟེ།  ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབུ་བརྙེས་པ་དང་། མང་ཚོགས་རྣམས་དང་ཕན་ཚུལ་སྤེལ་རེས་བྱེད་ཐབས་ལེགས་པོ་ཡོང་ཆེད།  སྨན་བཅོས་རུ་ཁག་གིས་ཉིན་ལྟར་ཕྱི་དྲོར་བོད་ཡིག་སྦྱོང་གི་ཡོད་ལ།   ལོ་ངོ་༦༠ཙམ་འདས་ཟིན་པས་ཝང་ཆིང་གིས་བོད་སྐད་ཆུ་རྒྱུགས་རྒྱུགས་རྒྱག་གི་ཡོད་པ་རེད།

ལོ་ངོ་༤༠ནང་།  ཝང་ཆིང་དང་ཁོང་གི་འཐབ་གྲོགས་ཚོས་བོད་ལ་རིན་ཐང་བྲལ་བའི་ལང་ཚོ་སྐྱེས་སུ་ཕུལ་ཡོད་ན་ཡང་།  རང་ཉིད་ཀྱི་ཁྱིམ་ཚང་ལ་མི་ཚེ་གང་པོར་བསུབ་ཐབས་མེད་པའི་ཡིད་ཕམ་བཞག་པ་རེད།

ཝང་ཆིང་གིས།  ང་ལ་ཕྲུ་གུ་༤ཡོད་པ་ཚང་མ་ངའི་ཕ་མ་གཉིས་ཀྱི་ལྟ་སྐྱོང་བྱས་པ་དང་།  ང་རང་བོད་ལ་ལས་ཀ་བྱེད་ཀྱི་ཡོད་པས་མི་ལོ་ཁ་ཤས་ནང་ཐེངས་རེ་ཙམ་མ་གཏོགས་ནང་ལ་ལོག་ཐུབ་ཀྱི་མེད་པས།  ཕྲུ་གུའི་དབར་ལ་བརྩེ་དུང་ཟབ་པོ་འཇོག་ཐུབ་མེད་པས་ད་ལྟའི་བར་ཡང་།  ཕྲུ་གུ་ང་ལ་ཨ་མ་ལགས་ཅེས་འབོད་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད།

ཀྲུང་དབྱང་འཕྲོད་བསྟེན་པུས་སྒྲིག་འཛུགས་བྱས་པའི་སྨན་བཅོས་བོད་སྐྱོད་རུ་ཁག་གི་ཁོངས་མིའི་ཁྲོད།  ད་ལྟ་འཚོ་ཞིང་གཞེས་པ་༤ལས་ལྷག་མེད།

ཝང་ཆིང་དང་མཉམ་དུ་བོད་ལ་སྐྱོད་མཁན་གྱི་སྨན་བཅོས་ལས་དོན་མི་སྣ་རྣམས་ཀྱི་ཁྲོད་ཁག་ཅིག་འགྲོ་སྐྱོད་སྟབས་བདེ་མེད་པ་དང་།  ཁག་ཅིག་འཇིག་རྟེན་འདི་ནས་ཞལ་གྱེས་ཟིན་དང་།  ད་ལྟ་ཝང་ཆིང་དང་འཐབ་གྲོགས་གསུམ་པོ་སྐབས་འགར་མཉམ་དུ་འཛོམས་ནས་སྐབས་དེའི་འཚོ་བར་རྗེས་དྲན་བྱེད་ཀྱི་ཡོད་པ་རེད།

ཁོང་རྣམ་པས་རང་ཉིད་ཀྱི་ལང་ཚོ་བོད་ལ་ལེགས་སྐྱེས་ཕུལ་བ་མ་ཟད།  བོད་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཁོ་བའི་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་གནང་ཡོད་པ་རེད།  དེ་འདྲའི་གསོན་ཤུགས་རྒྱས་པའི་དྲན་འཆར་རེ་རེ་ནི་མི་རབས་ཤིག་གི་སྤོབས་སེམས་ཡིན་པ་སྨྲ་མི་དགོས།

ཝུའུ་ཅིང་ཁྲུན་གྱིས་སྤྱི་ལོ་༡༩༥༡ལོར་ང་རང་ཤིས་ཨན་ནས་དམག་ལ་ཞུགས་ནས་བོད་ལ་ཕྱིན་པ་དང་།  ཟླ་བ་༡༡པར་གྲོང་ཁྱེར་ནང་འཛུལ་བའི་མཛད་སྒོའི་སྐབས། ང་ཚོ་བུད་མེད་དམག་མི་རུ་སྟར་གྱི་མཇུག་ཤོས་སུ་ཡོད་ཀྱང་། དགའ་བསུའི་ཐལ་སྒྲ་ང་ཚོར་ཆེ་ཞིང་  ང་རང་བོད་ནས་ལོག་རྗེས་སླར་ཡང་ལྷ་སར་ཐེངས་༩ལོག་མྱོང་།  ངས་ཆ་མང་པོ་ནས་ལས་ཀ་བྱས་མྱོང་ཡང་བོད་ལ་བཅངས་པའི་བརྩེ་བ་དེ་ནམ་ཡང་འདོར་མི་ཐུབ་ཅེས་བརྗོད་ཀྱི་ཡོད་པ་རེད།

ལིང་ཤིས་ཧེ་ཡིས་ང་ད་ལོ་ལོ་༨༨ཡིན།  ཀྲུང་དབྱང་འཕྲོད་བསྟེན་པུས་སྒྲིག་འཛུགས་བྱས་པའི་དུས་ཁག་དང་པོའི་བོད་སྐྱོད་སྨན་བཅོས་རུ་ཁག་གི་ཁོངས་མི་ཞིག་ཡིན།  བོད་ནས་ང་ལ་སྦྱོང་བརྡར་དང་། སློབ་གསོ་ཐོབ་མྱོང་ལ། མི་ཚེ་གང་པོར་ཕན་འབྲས་ཆེན་པོ་ཐོབ་སོང་ཅེས་བརྗོད་ཀྱི་ཡོད་པ་རེད།

ཝང་ཆིང་གིས་ང་ད་ལོ་ལོ་༨༠ཡིན།  ལྷ་སར་ལས་ཀ་ལོ་༤༠བྱས་པ་ཡིན།  བོད་ལ་བརྩེ་བ་ཟབ་མོ་ཡོད་ལ།  བོད་ནི་ངའི་ཕ་ཡུལ་གཉིས་པ་ཡིན་པས་པེ་ཅིང་ལས་ཀྱང་བརྩེ་བ་ཟབ་པ་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད།

དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནས་བཟུང་།  བོད་སྐྱོད་པ་རྒན་གྲས་ནི་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བོད་ལྗོངས་འཛུགས་སྐྲུན་པ་རྣམས་ཀྱི་ཐུན་མོང་གི་མིང་ཞིག་ཡིན། མི་ཚེ་གང་པོ་མཐོ་སྒང་ལ་ལེགས་སྐྱེས་ཕུལ་རྗེས། དེང་གི་ཆར་ཁོང་རྣམས་མེས་རྒྱས་ཀྱི་ཕྱོགས་མཚམས་ཀུན་ཏུ་གནས་སྡོད་བྱས་ཡོད། དུས་ཀྱི་ཕོ་ཉ་མི་སྡོད་རྒྱུན་དུ་རྒྱུགས།  །མི་ཚེ་ལང་ཚོ་ཚེ་ཡི་མཇུག་ཏུ་བསླེབས།  །གནས་ཕྱོགས་གང་དུ་སྐུ་བཞུགས་གནང་ཡོད་ཀྱང་། །བོད་ལ་བཅངས་པའི་བརྩེ་བ་ཡལ་བ་མེད།།དེ་རིང་ནས་བཟུང་།  སེམས་ཀྱི་ཞིང་ཁམས་སྐད་འཕྲིན་སྤྱི་སྟེགས་ཐོག་བོད་སྐྱོད་པ་རྒན་གྲས་ཞེས་པའི་མུ་འབྲེལ་པར་གཞི་འགོད་རྒྱུ་ཡིན་པས་དོ་ཁུར་གནང་རོགས།