༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

མཛེས་སྡུག་ལྡན་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཆུང་།

来源:བོད་ལྗོངས་འཕྲིན་དྲ།2018-08-01 11:09:17 查看数0

ཀླུ་ནང་མཛེས་ལྗོངས་ཁུལ་ནི A བཞིའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན།  ཀླུ་ནང་ལ་རང་བྱུང་གི་གསོ་རླུང་བང་མཛོད་དང་སྐྱེ་དངོས་གཞི་རྒྱུའི་མཛོད་ཞེས་སྙན་གྲགས་ཡོངས་སུ་ལྡན་ཡོད་པ་མ་ཟད།  ནགས་ཚལ་རྩི་ཤིང་རིགས་ཕུན་སུམ་ཚོགས་ཤོས་ཀྱི་ཀྲུང་གོའི་ས་ཁོངས་ཤིག་ཀྱང་ཡིན།  ཤར་ཕྱོགས་ཀྱི་སུལ་ཙེར་ཞེས་སུ་གྲགས་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེ་ཀླུ་ནང་མཛེས་ལྗོངས་ཁུལ་གྱི་དབུས་དང་།  མཛེས་ལྗོངས་ཁུལ་དེ་རྒྱལ་ལམ ༣༡༨ ཉིང་ཁྲི་ནས་སྤོ་མེས་བར་གྱི་ལམ་བརྒྱུད་དུ་གནས་ཡོད་ལ།  གསེར་སྐྱེམས་ལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ལྟེ་བའི་ས་ཁོངས་སུ་གནས་པའི་ཀླུ་ནང་གྲོང་རྡལ་ནས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་བྲག་ཡིབ་ཆུས་བར་སྤྱི་ལེ ༧༠ ཙམ་དང་ལྷ་ས་གྲོང་ཁྱེར་བར་སྤྱི་ལེ ༣༡༢ ཡོད།།

ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེར་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་དང་།  བོད་བཟོའི་ཨར་སྐྲུན་གྱི་ཉམས་འགྱུར་ལྡན་པའི་གྲོང་ཚོ་ཞིག་ཡིན།  མཐའ་འཁོར་དུ་ཁ་མདོག་བཀྲ་བའི་ནས་ཞིང་དང་པད་ཁའི་མེ་ཏོག་ཡོད་ལ།  རྒྱང་རིང་གི་འབྲོག་ཐང་ཐོག་རང་དགར་རོལ་བའི་ཕྱུགས་དཀར་ནག་གི་ཁེངས་པ།  རི་སྐེད་ནགས་ཤིང་ཁྲོད་འདབས་ཆགས་སྣ་ཚོགས་ཀྱི་སྐད་སྒྲ་བརྙན་པ།  རི་མགོ་གངས་དཀར་ཉི་འོད་འོག་ཏུ་ལྷག་པར་འཚེར་བ་བཅས་དེ་དག་ལས་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་ཞིང་ཁམས་ཀྱི་པར་རིས་ཞིག་མངོན་ཡོད།།

ཀླུ་ནང་གདོད་མའི་སྐྱེ་ཁམས་ཡུལ་སྐོར་གྲོང་ཆུང་དེས། རྒྱལ་ཁབ་ཕྱི་ནང་ཡུལ་སྐོར་བ་ཡི་ཡིད་དབང་བཀུག