༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

མི་གཞན་གྱི་ཚེ་སྲོག་ལ་བརྩི་འཇོག་བྱེད་དགོས།

来源:གསོ་རིག་ཀུན་འདུས་གླིང་།2017-02-22 10:20:05 查看数0

ཉེ་བའི་ལོ་འགའི་རིང་ལ། ཆང་འཐུངས་རྗེས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ཀྱིས་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་པས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་བཏང་མཁན་གྱི་གཤེད་མ་ལྟ་བུར་གྱུར་ཡོད། དེས་ཚེ་སྲོག་གང་མང་ཞིག་གི་རྒྱུན་ཆད་དུ་བཅུག་ལ། བདེ་སྐྱིད་ཀྱི་ཁྱིམ་ཚང་གང་མང་ཞིག་ཁ་ཐོར་དུ་བཏང་། ལྷག་པར་དུ་ཆང་འཐུངས་རྗེས་རླངས་འཁོར་བསྐོར་ཏེ་འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱས་པའི་གྱོད་དོན་རིགས་ཀྱིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན༢༢པའི་ནང་དུ། “ཆང་འཐུང་བ་དང་། རྒྱལ་ཁབ་ཀྱིས་དོ་དམ་རྩིས་སྤྲོད་བྱེད་ཀྱིན་པའི་སྨྱོ་ནད་སྨན་དང་སྦྲིད་སྨན་འཐུང་བའམ་ཡང་ན་རླངས་འཁོར་བསྐོར་མི་ཐུབ་པའི་ནད་རིགས་བྱུང་ཡོད་པ། ཡང་ན་ཐང་ཆད་དྲགས་པའི་དབང་གིས་རླངས་འཁོར་བདེ་འཇགས་ངང་བསྐོར་མི་ཐུབ་པ་བཅས་ཀྱི་སྐབས་སུ་འཕྲུལ་སྒུལ་འཁོར་ལོ་བསྐོར་མི་ཆོག”ཅེས་གཏན་འཁེལ་གསལ་པོ་བྱས་ཡོད། ཆང་འཐུངས་རྗེས་མིའི་མཐོང་ཚོར་དང་རེག་ཚོར་ནུས་པ་ཉམས་ཏེ།རེག་ཚོར་མིངས་རྟུལ་དུ་འགྱུར་བ་དང་། མིག་ཤུགས་ཉམས་ནས་མཐོང་རྒྱ་ཡང་ཇེ་དོག་ཏུ་འགྲོ་སྲིད། ཆང་འཐུངས་རྗེས་ད་དུང་ཉེ་སྒྲིབ་ཀྱི་སྣང་ཚུལ་བྱུང་སྟེ། དངོས་པོར་ལྟ་སྐབས་ཀྱི་འབུར་གཟུགས་ཚོར་བར་ནོར་འཁྲུལ་འབྱུང་སྲིད་པས། གནས་ཚུལ་འདི་འདྲའི་འོག་ཏུ་འཕྲུལ་སྒུལ་འཁོར་ལོ་བསྐོར་ན་འགྲིམ་འགྲུལ་ཆག་སྒོ་འབྱུང་སླ་བ་རེད། དེ་བས་ཁ་ལོ་པ་རྣམས་ལ་སྟབས་ལེགས་འབྱུང་བའི་སེམས་ཁམས་ཡོད་མི་རུང་། ཆང་འཐུངས་རྗེས་འཕྲུལ་སྒུལ་འཁོར་ལོ་བསྐོར་ན་མཐོང་ཚོར་དང་རེག་ཚོར་གྱི་ནུས་པ་ཇེ་ཞན་དུ་སོང་ཡོད་པའི་དབང་གིས།གནས་ཚུལ་ཁྱད་པར་བ་དང་འཕྲད་དུས་དུས་ལྟར་ཚོད་འཛིན་དང་ཁ་ལོ་བསྒྱུར་མ་ཐུབ་པར་འགྲིམ་འགྲུལ་ཆག་སྒོ་བྱུང་བ་རེད། རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ནང་།ཆང་འཐུངས་རྗེས་འཕྲུལ་སྒུལ་འཁོར་ལོ་བསྐོར་བའི་བྱ་སྤྱོད་ནི་ཉེན་ཁའི་ངང་རླངས་འཁོར་བསྐོར་བའི་ཉེས་བསགས་ཀྱི་ཁོངས་སུ་གཏོགས་པས་དེ་བསྟུན་གྱི་ཁྲིམས་ཆད་གཅོད་དགོས་པ་གཏན་འཁེལ་བྱས་ཡོད།

རང་རྒྱལ་དུ་ལོ་རེར་ཆང་འཐུངས་རྗེས་རླངས་འཁོར་བསྐོར་བའི་དབང་གིས་འགྲིམ་འགྲུལ་དོན་རྐྱེན་བཟོས་པའི་གྲངས་ཀ་ཁྲི་ལྷག་ལ་སླེབས་ཡོད་པས། དེ་ནི་འགྲིམ་འགྲུལ་ཆག་སྒོ་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། འདི་ནས་རྒྱ་ཆེའི་ཁ་ལོ་པ་རྣམས་ལ་གསལ་འདེབས་ཤིག་བྱས་པ་སྟེ། རང་ཉིད་དང་ཁྱིམ་ཚང་ལ་འགན་འཁུར་བ་དང་། འགྲུལ་པ་དང་སྤྱི་ཚོགས་ལ་འགན་འཁུར་བའི་ཆེད་དུ། ཁྱེད་ཀྱིས“ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་ཆང་འཐུངས་རྗེས་རླངས་འཁོར་བསྐོར་མི་རུང་བ”ཡིད་ལ་དམ་པོར་འཛིན་དགོས། རང་ཉིད་ཀྱིས་ཆང་འཐུངས་རྗེས་རླངས་འཁོར་མི་བསྐོར་བར་མ་ཟད། ད་དུང་རང་གི་ཉེ་འགྲམ་གྱི་གྲོགས་པོ་དག་ལའང་ཁ་ཏ་བསླབ་བྱ་གཏོང་དགོས།དེ་ལྟར་བྱས་ན་ད་གཟོད་འགྲིམ་འགྲུལ་ཆག་སྒོ་ལས་ཐར་ཐུབ།   །