༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

མཚོ་ལྷོ་བོད་ཡིག་ཚགས་པར་ངོ་སྤྲོད།

来源:མཚོ་སྔོན་པོའི་དྲ་བ།2018-04-19 11:12:13 查看数0

      མཚོ་ལྷོ་བོད་ཡིག་ཚགས་པར་ནི་མཚོ་ལྷོ་ཁུལ་ཨུས་གཙོ་སྒྲུབ་བྱས་པའི་ཏང་གི་ཚགས་པར་ཞིག་ཡིན། མཚོ་ལྷོ་བོད་ཡིག་ཚགས་པར་ལྗོངས་ཞིང་ལྔའི་བོད་ཀྱི་ས་ཆ་སོ་སོར་དུས་ཐོག་ཏུ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་མ་ཟད། ཚགས་པར་འགྲེམས་སྤེལ་བྱེད་པའི་ཁྱབ་རྒྱ་ཆེ་ཞིང་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱིས་ཅུང་གཟེངས་སུ་ཐོན་པའི་བསྔགས་བརྗོད་ཐོབ་ཡོད་པ་ཡིན། 

     

      ཚགས་པར་འདིར་པར་ངོས་བཞི་ཡོད་ལ་གཟའ་འཁོར་རེར་ཚགས་པར་རེ་འགྲེམ་གྱི་ ཡོད་ལ། ཚགས་པར་སྒྲུབ་ཚུལ་ཐད་ནས་པར་ངོས་དང་པོ་དང་གཉིས་པར་རང་ཁུལ་གྱི་གསར་འགྱུར་སྣ་ཚོགས་འགོད་པ་དང་། པར་ངོས་གསུམ་པར་བོད་ཁུལ་གྱི་གསར་འགྱུར་གལ་ཆེན་དང་ཡང་ན་སྒྲུང་ཐུང་དང་དཔྱད་བརྗོད་ཐུང་ངུ་། ཤེས་བྱ་ཕྲན་ཚེགས་སོགས་འགོད་པ། པར་ངོས་བཞི་བ་ནི་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་ཞེས་པའི་རྩོམ་རིག་རྐྱང་བའི་པར་ངོས་ཤིག་སྟེ། པར་ངོས་འདིར་ཚིགས་བཅད་སྙན་ངག་དང་། རང་མོས་སྙན་ངག ལྷུག་རྩོམ་བཅས་ཀྱི་རྩོམ་ཡིག་འགོད་ཀྱིན་ཡོད།    

      

      མཚོ་ལྷོ་བོད་ཡིག་ཚགས་པར་གྱིས་སྔར་ལས་ལྷག་པར་བོད་རིགས་ཀློག་པ་པོར་ཞབས་ཞུའི་ནུས་པ་གང་ལེགས་འདོན་ཆེད2015ལོ་ནས་བཟུང་གློག་རྡུལ་པར་གཞི་གསར་དུ་བཏོན་ཡོད་པས་རྒྱ་ཆེའི་ཀློག་པ་པོས་དྲ་ལམ་ནས་མཚོ་ལྷོ་བོད་ཡིག་ཚགས་པར་ལ་ལྟ་ཀློག་བྱེད་ཐུབ་ཅིང་། དེ་མུར་དགོངས་འཆར་ཅི་ཡོད་སྩོལ་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
      གློག་རྡུལ་པར་གཞིའི་དྲ་གནས།  http://hnzwb.xplus.com