༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

བོད་ཀྱི་ལོ་རྒྱུས་ཆེན་མོའི་རིག་གཞུང་བགྲོ་གླེང་།

来源:བདེ་ལྡན་བོད་ལྗོངས།2018-04-12 11:13:07 查看数0

     ཉེ་དུས།  བོད་ཀྱི་ལོ་རྒྱུས་ཆེན་མོཔར་སྐྲུན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དུ་གཉེར་བ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། དེབ་ཐེར་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྣེ་ཁྲིད་གཙོ་འགན་ཁུར་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཚན་ཞིབ་གྲོས་བསྡུར་བྱ་གཞི་ཞིག་རེད། དེབ་ཐེར་ཧྲིལ་པོར་ས་བཅད་བརྒྱད་དང་དེབ་གྲངས་བཅུ་གསུམ། ཡིག་འབྲུ་ཁྲི༨༥༠ལྷག་ཡོད་ཅིང་། ཡིག་ཚགས་ཆ་ཚང་བ་དང་རྒྱ་ཁྱབ་ཆེ་བ། མ་ལག་རྒྱུད་ཁོངས་གསལ་བ་བཅས་ཀྱི་བོད་ཀྱི་ས་གནས་ལོ་རྒྱུས་ཆེན་མོའི་བརྩམས་བྱ་ཞིག་ཡིན་པ་དང་། ཀྲུང་གོའི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས་རིག་གཞུང་གི་རིན་ཐང་དང་སྤྱི་ཚོགས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།

རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་མཁན་མཁས་དབང་རྣམས་པསབོད་ཀྱི་ལོ་རྒྱུས་ཆེན་མོ་ཞེས་པའི་དེབ་ཐེར་ལ་ཚད་མཐོའི་དཔྱད་པ་གནང་ཡོད་དང་། ཁོང་རྣམས་ཀྱིསབོད་ཀྱི་ལོ་རྒྱུས་ཆེན་མོཔར་སྐྲུན་བྱས་པ་དེས་བོད་ཀྱི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་དང་། དྲིལ་བསྒྲགས་བྱ་རྒྱུར་གལ་ཆེའི་ནུས་པ་ཐོན་ཐུབ་པའི་ངོས་འཛིན་གནང་བ་དང་། དུས་མཚུངས་ཕུལ་བྱུང་མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་རྒྱུན་འཛིན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་འཛུགས་རྒྱུ། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་བཅས་ཀྱི་ཐད་གལ་ཆེའི་ནུས་པ་ཐོན་ཐུབ་པའི་ངོས་འཛིན་ཡང་གནང་བ་རེད།