༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཆོས་ལུགས་རང་མོས་སྐོར་གྱི་ཤེས་བྱའི་དེབ།

来源:སེམས་ཀྱི་ཞིང་ཁམས།2018-04-08 11:44:41 查看数0

རྒྱབ་ཤ་དཀར་པོའི་དེབ་ཧྲིལ་པོར་ཡིག་འབྲུ་༨༠༠༠ཡོད་ཅིང་། གླེང་གཞི་དང་། གཞུང་དངོས།  མཇུག་བསྡུའི་གཏམ་བཅས་ཆ་ཤས་གསུམ་ལས་གྲུབ་ཡོད། གཞུང་དངོས་ལ་ཆ་ཤས་ལྔར་ཕྱེ་བ་སྟེ། ཆོས་དད་རང་མོས་ལ་འགན་ལེན་བྱེད་པའི་གཞི་རྩའི་སྲིད་ཇུས་དང་། ཆོས་དད་རང་མོས་ཀྱི་དབང་ཆའི་བཅའ་ཁྲིམས་ཀྱི་འགན་ལེན། ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། ཆོས་ལུགས་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་བཅས་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཆོས་ལུགས་ཀྱི་དོན་དངོས་ནས་འགོ་འཛུགས་པ་མཐའ་འཁྱོངས་ཀྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆ་འགན་ལེན། དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་པ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བཅས་བྱེད་ཀྱི་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བརྗོད་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་ཏུ་འཇུག་པ། བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་འདུམ་འགྲིག་བཅས་བྱས་པས། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོས་ཆོས་ལུགས་འཕེལ་རྒྱས་གྱི་འགྱུར་ལྡོག་དང་ཆོས་ལུགས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་ཕྱི་ནང་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་བླངས་ཏེ། ཁྲིམས་ལྟར་ཆོས་དད་རང་མོས་ལ་འགན་ལེན་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་འདོན་པ་བཅས་ཀྱི་ཡང་དག་པའི་བགྲོད་ལམ་ཞིག་ཏུ་བསྐྱོད་ཡོད།