༄༅།།སྐུ་ཁམས་བཟང་། ནོར་ནོར་བརྙན་འཕྲིན་ལ་ཕེབས་པར་དགའ་བསུ་ཞུ།
  • 拉萨 7℃~-9℃

ཆིང་རྒྱལ་རབས་སྐབས་ཀྱི་བོད་ས་གནས་ཀྱི་ཡིག་ཚགས་བདམས་བསྒྲིགས་ཞེས་པ་པར་སྐྲུན་བྱས་པ།

来源:ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚ2018-03-29 13:12:29 查看数0

རྒྱལ་ཁབ་ཀྱི་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་འདུ་འགོད་རྣམ་གྲངས་ཆེ་གྲས་ཆིང་རྒྱལ་རབས་སྐབས་ཀྱི་བོད་ས་གནས་ཀྱི་ཡིག་ཚགས་བདམས་བསྒྲིགས་ཉེ་ཆར་དཔར་སྐྲུན་བྱས་ཤིང་། དེབ་དེས་བོད་རིག་པ་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་ཐུབ་རྒྱུ་རེད།

ཚེས་༡༧ཉིན་རྣམ་གྲངས་ཀྱི་འགན་འཁུར་བ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)སྒྲིག་དཔྱོད་ཁང་གི་འབུམ་རམས་པ་བྲག་གཡབ་བློ་བཟང་བུ་ཁྲིད་ཀྱིས་དེབ་དེའི་ནང་གི་ཡིག་ཚགས་ཚང་མ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་དང་། ནང་དོན་ཐད་ཆིང་རྒྱལ་རབས་ཀྱི་དུས་སྐབས་ཆ་ཚང་དང་དེ་བཞིན་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་བདག་དབང་འོག་གི་བོད་ས་གནས་ཀྱི་ཆབ་སྲིད་ལམ་ལུགས་དང་། སྲིད་འཛིན་དོ་དམ། དཔལ་འབྱོར་ཚོང་དོན་སོགས་ཀྱི་ནང་དོན་ཡོད་པས་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསར་འགོད་པར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆིང་རྒྱལ་རབས་སྐབས་ཀྱི་བོད་ས་གནས་ཀྱི་ཡིག་ཚགས་བདམས་བསྒྲིགས་ནི་རྒྱལ་ཁབ་ཆིང་རྒྱལ་རབས་ལོ་རྒྱུས་རྩོམ་སྒྲིག་ཨུ་ལྷན་གྱི་ཡིག་ཚགས་དཔེ་ཚོགས་ཀྱི་གྲས་ཤིག་ཡིན་ཞིང་། ལོ་༥རྩོམ་སྒྲིག་བྱས་པ་དང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པ་མ་ཟད་ཆ་ཚང་ལ་དེབ་༨ཡོད་པ་རེད། དེབ་ཆ་ཚང་ནང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་མཛོད་ཉར་ཡིག་ཚགས་༡༥༢༢བདམས་ཏེ་བོད་ཡིག་མ་དཔེ་པར་སློག་དང་སྒྱུར་ཡིག་ཞོར་བཀོད་ཀྱི་རྣམ་པར་བརྟེན་ནས་དཔར་སྐྲུན་བྱས་ཡོད་པ་རེད།

--    --